༈ ཀ་དག་གཞིར་རྫོགས་ཆོས་སྐུ་ཀུན་ཏུ་བཟང་། །ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །ག་སར་ཆུ་ཟླའི་གར་གྱིས་སྤྲུལ་པའི་སྐུ། །ང་ཡི་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཅ་དག་རྣམ༌ལྔའི་ཡེ་ཤེས་ཀུ༌མུད༌གཉེན། །ཆ་མཉམ༌རིན་ཆེན་རྡུལ༌གྱི༌འོད༌ཟེར༌ཅན། །ཇ་ཐུན་རེ་རེར་འགྲོ་བའི་མུན་བསལ་ཟླ། །ཉ་རྒྱས་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཏ་ཡས་ལེགས་བཤད་རིན་ཆེན་གླིང་ཕྱིན་ཏེ། །ཐ་དག་གཞུང་ལུགས་རྒྱ་མཚོའི་གཏིང་དཔོག་ཀྱང་། །ད་དུང་རྣམ་དཀར་གྲུར་བཞུད་མི་འདོར་བ། །ན་མོ་གུ་རུ་ཡེ་ཤེས་རིན་ཆེན་རྒྱལ། །པ་ར་མི་ཏའི་མཁྱེན་རབ་གཏིང་ཟབ་ཅིང་། །ཕ་ཟད་གཉུག་མའི་རྟོགས་པ་དགུང་ལས་མཐོ། །བཛྲ་དྷ་རའི་རྒྱལ་སར་མངའ༌དབང་བསྒྱུར། །མ་ཧཱ་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཙ༌རེའི༌བྱམས༌པས༌སྤོས༌ངད༌ལྡན༌པའི༌ཁྱུར། །ཚ་གདུང་ཡོངས་འདུལ་ཆོས་ཀྱི་ཟིལ་མངར་གྱིས། །ཛ་དྲག་སེམས་ལ་ངལ་གསོ་སྟེར་བའི་ཚུལ། །ཝ་ཝལ་ཀློང་ཆེན་ཡེ་ཤེས་རིན་ཆེན་རྒྱལ། །ཞ་ཐུལ་ངུར་སྨིག་སྐོན་པས་ཉམས་ཆུང་ཡང་། །ཟ་བེར་འདུང་མ་གསོལ་བའི་གཟི་བརྗིད་ཀྱིས། །འ་ཅག་དད་པའི་ཡིད་དབང་འཕྲོག་པའི་སྐུ། །ཡ་མཚན་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ར་འཕྲོད་གཞི་དབྱིངས་འདུ་འབྲལ་མེད་པའི་གཤིས། །ལ་རྩེ་མར་བལྟས་རྗེས་སུ་ཆགས་པའི་མིག །ཤ་ཚས་འབངས་འཁོར་ཀུན་ལ་སྟེར་བའི་ཐུཊ། །ས་བརྟོལ་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཧ་ནི་སྐྱེ༌འགྲོར༌དཔྱིད༌ཀྱི༌ཕོ༌ཉ༌དང་། །ཧ༌རེར་འཆི་མེད་ལྷ་ཡི་མགྲིན་དབྱངས་ཀྱིས། །ཨ༌དོན༌སྐྱེ༌མེད་གནས་ལུགས་འཆད་པའི་གསུང། །ཨ༌ཧོ༌སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཨི་ཐི་ཇི་བཞིན་གཟིགས་པའི་རིགས་ཀྱི་བདག །ཨུ་ཐུག་བླུན་བུས་གདུང་བསྐུལ་ཞུ་འཁྲུལ་ན། །ཨེ་ཧེ་ཁྲེལ་འདེབས་ཡེ་མེད་རྗེས་བརྩེ་ངང་། །ཨོ་ལོ་ཟོབ་འཆོལ་དགོངས་ཀློང་མཐོལ་ལོ་བཤགས། །དེ་ལྟར་དབྱངས་གསལ་འདབ་བརྒྱའི་ཆུན་པོ་ཞིག །དད་པའི་སྙིང་གི་སྐྱེད་མོའི་ཚལ་ནས་བླངས། །དྲ་བརྒྱའི་ལྷ་ལམ་དབྱིངས་སུ་གཏོར་བ་ཡིས། །དོན་གྱི་སློབ་དཔོན་མཉེས་པའི་རྒྱུར་གྱུར་ཅིག ། ། །ཅེས་པའི་བསྔགས་བརྗོད་འདིའང་བཀའ་དྲིན་གསུམ་ལྡན་གྱི་དམ་པ་འདི་ཉིད་ ཡང་ཡང་རྨི་ལམ་དུ་མཇལ་བས་རྐྱེན་བྱས་ཏེ་ སྐུ་དྲིན་ལན་ལོན་གྱི་མཐུ་མེད་ཀྱང་ དད་དམ་གསར་གཏོད་ཀྱི་དྲན་རྟེན་དུ་ ཨ་ཏི་ཡོ་གའི་རྣལ་འབྱོར་པ་ཀརྨའམ་ རིག་འཛིན་རྒྱུ་སྐར་དབང་པོས་ རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས་ཕུལ་བའོ། །
Updated on: 10/19/2023.
Note: Lopen Chimi was not only one of my first teachers but also one of the most generous Dharma practitioners I have known. After a personal realization about the fragility of life led me back to the Dharma, I wrote several articles for him, including a short biography in English.
However, a strange situation soon unfolded. I had posted a tribute video for him on YouTube, which became massively viral. Yet, I noticed an overwhelming number of dislikes. My curiosity led me to a video from one of the institutes he founded, where they had replicated the song from my tribute. It became clear that the dislikes on my video were originating from their community.
It is deeply disheartening to think that my Lopen dedicated his life to teaching and spreading Buddhism, yet the people in his own institute, despite wearing robes, seem untouched by the Dharma's principles. While their approval means nothing to me, I have removed all images and mentions of Lopen from my blog to avoid causing further heartache to those who see me as a threat. From now on, I will refrain from mentioning him publicly. My gratitude will remain private, and I will no longer look to those in red robes as a automatic source of inspiration.