སྒྲོལ་མ་ཤིན་ཏུ་བསྡུས་པ།

༄༅།  ། ༀཿ འཕགས་མ་སྒྲོལ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱིད་སྡུག་བཟང་ངན་འབྲིང་གསུམ་ཁྱེད་རང་མཁྱེན། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བརྩལ་དུ་གསོལ། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ ཞེས་ཅི་ནུས་བཟླས་མཐར། མ་གཅིག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ། དབྱངས་ཅན་དགྱེས་པའི་རོལ་མཚོ་ལས་སོ། །



Previous Post Next Post