Tuesday, May 13, 2025

ཕྱིས་པ་ལས་ནང་པར་ཁ་བསྒྱུར་བའི་ཀ་ཕྲེང་ཞིག

༈ ཀ་མེད་དབུལ་ཞིང་འཕོངས་པའི་བུ་ཕྲུག་ཏུ་སྐྱེས་པས། །ཁ་ལག་བྲལ་ཙམ་ཚེ་སྟོད་སྡུག་བསྔལ་གྱིས་ཉེན་ཀྱང༌། །ག་ལེར་འཛམ་གླིང་ནུབ་ཕྱོགས་མཚོ་གླིང་དུ་འབྱོར་ཏེ། །ང་ནི་ཡིད་བཞིན་ནོར་བུ་རྙེད་པ་དང་འདྲ་བྱུང་། །ཅ་ཆས་རྒྱུ་ནོར་འཛམ་གླིང་བང་མཛོད་ལ་དབང་ཀྱང་། །ཆ་ཤས་ཙམ་ཡང་འཆི་ཁར་ཁྱེར་དབང་ནི་མེད་པས། །ཇ་ཆང་ཟས་གོས་ཡར་མཆོད་མར་སྦྱིན་ལ་སྦྱར་ཏེ། །ཉ་ངོའི་ཟླ་བཞིན་རྣམ་དཀར་དགེ་སྒྲུབ་ལ་འཆས་འགྲོ། །ཏཱ་རི་གཅིག་གཉིས་དུས་ཚོད་སྐར་མདའ་ལས་མགྱོགས་པས། །ཐ་མལ་ངང་དུ་མི་ཚེ་གཡེང་བ་ནི་འཕངས་ཀྱི། །ད་ལྟ་ཉིད་དུ་དམ་པའི་ལྷ་ཆོས་ལ་བརྩོན་ཏེ། །ན་ཚོད་རྒས་ཁར་བློ་འགྱོད་མེད་པ་ཞིག་བྱེད་འགྲོ། །པ་ཏྲཱ་རི་མོས་སྤྲས་པའི་ཁང་བཟང་དུ་བསྡོད་ཀྱང༌། །ཕ་རོལ་འཇིག་རྟེན་འཁྲིད་པའི་འཆི་བདག་ལས་མི་ཐར། །བ་གླང་བཞིན་དུ་བསམ་མེད་འཚོ་བསྐྱལ་དེ་སྤང་སྟེ། །མ་རྣམས་སྲིད་པའི་མཚོ་ལས་བསྒྲལ་ཐབས་ལ་འབུངས་འགྲོ། །ཙ་རི་ལ་སོགས་གངས་ཅན་བལ་འབྲུག་གི་གནས་རྣམས། །ཚ་གྲང་དཀའ་སྤྱད་བཟོད་པས་ཅི་ནུས་སུ་བསྐོར་ཀྱང་། །ཛ་ལང་སེམས་ཀྱི་གླང་པོ་འཐུལ་བ་ཞིག་མེད་ན། །ཝ་མོའི་སྟག་ངར་འདྲ་བོས་ཅི་ཞིག་ནི་ཡོང་ངམ། །ཞ་ཞིར་གྲགས་འདོད་མིན་པའི་སྦྱིན་པ་རེ་གཏོང་ཞིང་། །ཟ་འདོད་འཐུང་འདོད་མིན་པའི་ཚོགས་འཁོར་རེ་བསྐོར་ཏེ། །འ་ཅག་ཨོ་ཌཱི་ཡ་ནའི་སྲོལ་ཁྱུན་འདི་གཟུང་ན། །ཡ་མཚན་བསམ་ལས་འདས་པའི་བྱིན་རླབས་རེ་འཇུག་ཡོང་། །ར་རོར་བདེ་བར་འཛིན་པའི་དབྱིན་ཡུལ་གྱི་མི་རྣམས། །ལ་ལར་ཙམ་མིན་དམ་ཆོས་བདུད་རྩི་ཡིས་བསྐྱང་སྟེ། །ཤ་ཚ་ཅན་གྱི་མཁའ་འགྲོའི་སྙིང་ཐིག་འདི་བསྟན་ན། །ས་སྟེང་འདི་ནང་མཚོ་སྐྱེས་བསྟན་པ་འདི་རྒྱས་ཡོང་། །ཧ་ཅང་ཐུགས་རྗེ་མྱུར་བའི་པད་འབྱུང་གི་མཚན་ཙམ། །ཨ་ཙི་ཡིད་ལ་དྲན་ཀྱང་བྱིན་རླབས་རེ་འཇུག་གི །ཉིན་མཚན་དུས་དྲུག་བཛྲཱ་གུ་རུ་འདི་བགྲང་སྟེ། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། ། ། །
This writing is a relic from my old life in 2013—now reshaped into Buddhist poetry in 2025. Back then, I was an ardent Christian, and these words once lived in the pages of a Joyce Meyer book I had translated. They may not carry profound wisdom, but they are a sacred fragment of who I was—a fleeting shadow to honor, a stepping stone to cherish. A decade later, here I stand: scarred yet sovereign, a warrior in the relentless battle for survival. I fought. I bled. I won. And among my greatest victories? This defiant leap across spiritual frontiers—securing not just fleeting triumphs, but the eternal surrender of karma’s war.