བླ་མ་སྐུ་གསུམ་གྱི་རྒྱང་འབོད་གསོལ་འདེབས།
Calling from afar upon Dudjom Jidrel Yeshe Dorje as the Three Kaya Dakinis and my own three cognitions.
༄༅། ། ཀྱེ་ཧོ༑ ངོ་བོ་ཀ་དག་གཏིང་གསལ་རང་བྱུང་གྱི་ཞིང་ནས། །རིག་སྟོང་བླ་མ་འགྲོ་འདུལ་གླིང་པ་འདི་མཁྱེན་ནོ། །དགོངས་པའི་ཀློང་རྡོལ་བྱིན་ཆེན་བཙན་ཐབས་སུ་སྤོས་ནས། །རང་ངོ་ཆོས་སྐུར་འཕྲོད་པ་བྱིན་གྱིས་རང་རློབས་དང་། །རིག་སྟོང་ཆོས་སྐུའི་མཁའ་འགྲོ་ས་མནྟཱ་བྷ་དྲི། །གདོད་ནས་མཉམ་གདལ་ས་ཕྱོགས་ཐག་རིང་ན་མིན་གྱི། །གཏི་མུག་ཆོས་དབྱིངས་ཡེ་ཤེས་རང་ངོ་རུ་སངས་ཏེ། །སྐད་ཅིག་འདི་ཀར་མཇལ་བའི་དབང་ཆེན་ཞིག་སྐུར་མཛོད། །
རང་བཞིན་ངེས་པ་ལྔ་ལྡན་འོད་གསལ་གྱི་ཞིང་ནས། །གསལ་སྟོང་བླ་མ་བདེ་ཆེན་རྡོ་རྗེ་འདི་མཁྱེན་ནོ། །ཡེ་ཤེས་དྲྭ་བའི་བྱིན་ཆེན་བཙན་ཐབས་སུ་སྤོས་ནས། །རང་ངོ་ལོངས་སྐུར་འཕྲོད་པ་བྱིན་གྱིས་རང་རློབས་དང་། །བདེ་སྟོང་ལོངས་སྐུའི་མཁའ་འགྲོ་རྡོ་རྗེ་ཡི་ཕག་མོ། །ཡེ་ནས་ལྷུན་གྲུབ་ས་ཕྱོཊ་ཐག་རིང་ན་མིན་གྱི། །ཞེ་སྡང་མེ་ལོང་ཡེ་ཤེས་རང་ངོ་རུ་སངས་ཏེ། །སྐད་ཅིག་འདི་ཀར་མཇལ་བའི་དབང་ཆེན་ཞིག་སྐུར་མཛོད། །
ཐུགས་རྗེ་གང་འདུལ་སྒྱུ་འཕྲུལ་མི་མཇེད་ཀྱི་ཞིང་ནས། །སྣང་སྟོང་བླ་མ་ཡེ་ཤེས་རྡོ་རྗེ་འདི་མཁྱེན་ནོ། །ནམ་མཁའི་ཀློང་མཛོད་བྱིན་ཆེན་བཙན་ཐབས་སུ་སྤོས་ཏེ། །རང་ངོ་སྤྲུལ་སྐུར་འཕྲོད་པ་བྱིན་གྱིས་རང་རློབས་དང་། །སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་ཁྲོས་མ་ཡི་ནག་མོ། །གཞི་ནས་རང་གྲོལ་ས་ཕྱོགས་ཐག་རིང་ན་མིན་གྱི། །འདོད་ཆགས་སོར་རྟོགས་ཡེ་ཤེས་རང་ངོ་རུ་སངས་ཏེ། །སྐད་ཅིག་འདི་ཀར་མཇལ་བའི་དབང་ཆེན་ཞིག་སྐུར་མཛོད། །
ཕྱི་རོལ་སྣང་བའི་ཡུལ་ཀུན་སྐུ་གསུམ་གྱི་མཁའ་འགྲོ། །ནང་དུ་སྒྲོག་པའི་སྒྲ་ཀུན་ཡི་དམ་གྱི་གཟུངས་སྔགས། །ཕྱི་ནང་དྲན་རྟོག་བདུད་འཇོམས་བླ་མ་ཡི་དགོངས་པ། །སྣང་སྲིད་དག་པ་རབ་འབྱམས་བྱིན་གྱིས་རང་རློབས་དང་། །རྣམ་ཀུན་མཆོག་ལྡན་དྭངས་མའི་དད་འདུན་གྱི་པདྨོ། །སྐུ་དང་ཡེ་ཤེས་ཉིན་བྱེད་བྱིན་ཆེན་གྱིས་གསོས་ཏེ། །བྱང་ཆུབ་སེམས་ཀྱི་དྲི་བསུང་ཕྱོགས་མཐའ་རུ་གདལ་བས། །རྫོགས་ཆེན་གནད་དུ་ཆུད་པའི་དབང་ཆེན་ཞིག་སྐུར་མཛོད། ། ། །ཅེས་པའང་རིག་འཛིན་སྐར་མས་ གསོལ་བ་ཕུར་ཚུགས་སུ་བཏབ་པ་དགེའོ། །
A Longing Supplication to the Lama of the Three Kayas
Kye Ho/Alas!
From the realm of the self-arising, beyond all extremes of conceptual elaboration,
O Lama Drodul Lingpa, Awareness-Emptiness, know me!
Through the great blessings of the Treasury of the Profound Dharma, Essence of Thoughts Welling Forth from the Expanse,
May I come to direct recognition of my own nature as Dharmakaya.
O Samantabhadri, Dakini of Dharmakaya, Awareness-Emptiness,
The primordial state of equal pervasion is not somewhere far & distant.
May ignorance awaken into its own nature as Dharmadhatu Wisdom,
And bestow upon me the great empowerment of meeting you here, in this very instant.
From the realm of luminous clarity, endowed with the five certainties of its intrinsic nature,
O Lama Dechen Dorje, Clarity-Emptiness, know me!
Through the great blessings of the Treasury of the Net of Primordial Wisdom of Pure Perception,
May I come to direct recognition of my own nature as Sambhogakaya.
O Vajravarahi, Dakini of Sambhogakaya, Bliss-Emptiness,
The primordial state of spontaneous presence is not somewhere far & distant.
May anger awaken into its own nature as Mirror-like Wisdom,
And bestow upon me the great empowerment of meeting you here, in this very instant.
From the realm of compassionate, all-responsive magical display, the world of beings to be tamed,
O Lama Yeshe Dorje, Appearance-Emptiness, know me!
Through the great blessings of the Treasury of the Luminous Expanse of the Nature of Phenomena,
May I come to direct recognition of my own nature as Nirmanakaya.
O Krodhakali, Dakini of Nirmanakaya, Appearance-Emptiness,
Primordially, self-liberation is not somewhere far & distant.
May desire awaken into its own nature as Discriminating Wisdom,
And bestow upon me the great empowerment of meeting you here, in this very instant.
By recognizing all objects of outer appearance as the dakinis of the three kayas;
every sound that resounds as the dharani-mantra of the yidam;
and all thoughts and concepts, outer and inner, as the wisdom-mind of the Root Guru Dudjom,
may the boundless purity of all that appears and exists bless me with the primordial state.
Upon the lotus of pristine faith and aspiration, endowed with every excellence,
Nourished by the great blessings of the sun of Kaya and primordial wisdom,
May the fragrance of bodhicitta spread throughout every direction and every reach.
May I receive the great empowerment of vital Dzogchen to attain eternal apperception.
Thus, Vidyadhara sKarma (Rigdzin sKarma) offered this supplication with unwavering, fervent earnestness.
May it be virtuous.
