རིག་པ་འཛིན་པའི་ཞོགས་ཐུན་ཅིག་གི་སེམས་རིས།

༄༅། །རྣམ་སྣང་གངས་མཚོའི་ཏིང་འཛིན་ཡུན་རིང་ཞིང་། །ཀུན་བཟང་ཐུགས་ཀྱི་བསྟན་པ་ཁྱོན་ཡངས་ཀློང་། །སྟོང་གསུམ་སྟོང་གི་བཀོད་པ་མཐས་ཡས་ནང་། །སྐར་མདའ་སྲིད་པའི་ཚུལ་འདི་རྒྱུ་བ་མཚར། །དུང་ཕྱུར་བགྲང་བྱའི་སྔོན་གྱི་གས་ཆེན་ཁྲོད། །མཛེས་མའི་ཁྱུ་ཚོགས་ས་ཡའི་འཕྲེད་ཀློང་དུ། །ཕྲན་གྱི་ཞིང་མཆོག་འཛམ་བུའི་མིང་ཅན་ཡང་། །ཉིན་བྱེད་གུས་པས་བསྐོར་བའི་རྣམ་འགྱུར་ངོམས། །ཕ་ཀི་དགུ་ཚིགས་སྟོང་གི་ཚོམ་བུ་དང་། །སྐར་ཚོགས་འབུམ་ཕྲག་བགྲང་ཡས་དབང་གྱུར་པ། །རྡུལ་ཕྲན་ཀློང་ནའང་རྡུལ་སྙེད་འཇིག་རྟེན་ཁམས། །འོད་དང་ཟེར་གྱི་བཅུད་འཛིན་ཆགས་འདི་རྨད། །ཚུར་གྱི་དྭ་ཕྲུག་སྐྱིབས་ནས་འབྲོག་དགོན་དབར། །བཟོད་མེད་སྐྱིད་སྡུག་འཕྲང་རུམ་འགྲིམས་པའི་ཀློང་། །བགྲང་བྱ་དུ་མས་བཙལ་བའི་ཤེས་བྱའི་ནོར། །ཐུབ་བསྟན་རིན་ཆེན་གླིང་དུ་བསྒྲུན་འདི་དཔའ། །འདི་ན་གཞན་སེམས་གསོ་བའི་སྡུག་བསྔལ་ལ། །དགེ་ཆོས་མི་ཚེ་ཚེ་ཡི་ཁྲལ་སྐད་ཀྱང་། །པཱའུ་ལུ་ཀོའི་ལོས་ (Paulo Coelho) འདིར་སྣང་བློས་བཏང་སྟེ། །སྐྱིད་ཉལ་བྱེད་པ་འགྲུལ་བའི་ཀློང་ཡིན་ཟེར། །ཀྱེ་མ་ཀུན་བཟང་དགོངས་པ་ཟང་ཐལ་དང་། །ཨ་འཐས་སེམས་ཅན་རྟོག་ཚོགས་ཅིག་ཆར་དུ། །སྐད་ཅིག་བྱེ་བྲག་ཕྱེ་རུང་མ་འཕྱེ་རུང་། །ངེད་ཅག་ངོ་མཚར་རྨད་འབྱུང་ཀློང་ན་བདེ། །བསྒོམས་དང་མ་བསྒོམ་རེ་དང་དོགས་པ་དང་། །ལྷ་མཆོད་འདྲེ་བརྡུང་བློས་བྱས་རྩོལ་བ་ཡང་། །སྟོང་ཉིད་སྙིང་རྗེ་རྒྱུ་འབྲས་མཁའ་མཉམ་ཀློང་། །རྒྱལ་བའི་གདུང་སྲས་ས་རབ་རིག་འཛིན་སྐྱིད། །ཨ་ལེ་རང་བྱུང་གདོད་མའི་གཉིད་ཐུམ་ནང་། །སེམས་རིས་དབྱིངས་ཀྱི་ངོ་བོར་དྭངས་ཚུལ་དང་། །སྲིད་ཞིའི་སོ་འཚམས་ཀློང་དང་གཞིར་ཀློད་པའི། །བྱར་མེད་ཡེ་ཤེས་དགོངས་པར་ཉལ་ཉམས་དོད། །དབྱིངས་ཕྱུག་བདེ་ཆེན་མཚོན་པའི་སྨིན་ལེགས་ཀྱང་། །རང་བྱུང་རིག་པའི་རྡོ་རྗེ་ལེགས་བསུས་ཤིང་། །གྲྭ་ཟུར་མེད་པའི་ཐིག་ལེ་ཉག་ཅིག་པོ། །གདོད་མའི་བབས་ཀློང་འདྲེན་པའི་ཕྱག་རྒྱར་རྨད། །ཨེ་ཧོ་སྣང་སྲིད་བཤེས་ཀྱི་རོལ་པ་ལས། །མྱོང་ཚོར་ཡེ་ཤེས་ཉི་མས་དྲོས་པའི་ཀློང་། །སྤྱི་ཚོགས་སྐས་འཛེག་བང་འགྲན་རིང་སྐྱུར་ཏེ། །དལ་རྟེན་རིན་ཆེན་སྲུབ་པའི་སྙིང་པོ་མཚར། །ཨེ་མ་ད་ནི་ཉམས་ཆུང་རྒྱལ་ཁམས་པ། །བློ་ཕུགས་ཆོས་གཏད་ཆོས་ཕུགས་སྤྲང་གཏད་ཀློང་། །མི་ཆེན་བླ་ཆེན་རྐུབ་ལྡག་མི་བྲེལ་བར། །གུ་ཡངས་བློ་བདེའི་ངལ་གསོར་རང་གཉིད་དོ། །  ། །zzZz ZZZZZ zZzzzz ཞེས་པའང་ཀུན་མཁྱེན་ཆེན་པོའི་བྱང་སེམས་ཀློང་བཟླས་དང་ རྐྱེན་སྣང་མཁའ་མཉམ་གྱི་དགོངས་པའི་ཟིལ་མངར་རོལ་བའི་ཞོགས་ཐུན་ཞིག་ན་ ཡིད་དཔྱོད་ཀྱི་གཤོག་རྩལ་ གཤིས་ལུགས་ཀྱི་མཁའ་དབྱིངས་སུ་བསྐྱངས་པའི་ ཉམ་ཆུང་དབང་པོའི་གཤོག་རྡབ་ཀྱི་རང་སྒྲ་ཙམ་སྟེ་ འདི་ཡང་རིག་འཛིན་རྒྱུ་སྐར་གྱི་དབང་པོས་སོ། །

A Morning Sketch of the Mind

May the meditation of Vairocana's ocean-like form endure for ages! Within the vast expanse of Samantabhadra's enlightened mind, among the boundless designs of a billion universes, how wondrous it is to watch this shooting star of existence drift by.

Amidst the great cosmic rifts from billions of years ago, spanning across millions of beautiful celestial arrays, even my own supreme realm, named the "Jambu Continent" (Earth), Proudly displays its form as it revolves reverently around the sun.

Yonder lie clusters of a thousand galaxies, governed by hundreds of thousands of countless stars. Yet even within a single atom, there exist universes as numerous as dust motes; how magnificent is this creation, holding the essence of light and rays!

From the shelter of an orphan on this side to the wilderness beyond, we traverse a narrow, unbearable ravine of joy and sorrow. Yet, comparing the wealth of knowledge sought over many years to the precious Island of the Buddha's Teachings: how heroic that is!

Though Gendun Chophel once called life a "tax on living" in his sorrowful effort to heal the minds of others, Paulo Coelho says here that by letting go of mundane appearances, the traveler enters a realm of peaceful rest.

Ah! Whether the translucent, breakthrough realization of Samantabhadra and the rigid, conceptual thoughts of sentient beings are separated in a split second or not, we are completely at ease within this wondrous, magnificent expanse.

Meditation or non-meditation, hope and fear, worshipping gods or striking down demons; all these conceptual efforts are dissolved in the sky-like expanse of emptiness, compassion, and causality. How joyful is the Vidyadhara (Knowledge-Holder), the true heir to the Buddhas!

Ah, within this deep, natural, primordial sleep, look at how the mind's sketches clarify into the very nature of the basic space. At the boundary of cyclic existence and nirvana, completely relaxed at the base, a deep yearning arises to rest in the effortless, pristine wisdom.

Though a beautiful maiden represents the great bliss of the space-consort, she warmly welcomes the self-arisen, vajra-like awareness. This single, cornerless, perfect sphere (thigle) is the magnificent Mudra that leads us into the primordial, natural flow.

Here, rather than playing the game of worldly appearances, one warms themselves in the sun of experiential, pristine wisdom. Leaving the competitive ladders of society far behind, how wonderful it is to extract the essence of this precious human life!

Ah, Now in this pilgrimage of a humble one, bowed down by the weight of study and contemplation, I have no urgency to flatter the great or the powerful. Thus, in spacious relaxation, I shall sleep! zzZz ZZZZZ zZzzzzz

Postscript / Colophon

This was written during a morning meditation session while savoring the sweet nectar of the 9th and 11th chapters of the Dharmadhātu Ratna Koṣa by the Great Omniscient Longchenpa. These natural sounds from the flapping wings of a humble bee soaring through the sky of innate nature, were captured in writing by Rigdzin Karma.


Previous Post Next Post